首页   走进果洛   政府信息   公共服务   互动交流  

     首页 > 政府信息 > 政务要闻 > 果洛要闻

果洛州门诊特殊病政策问答(双语)
来源:www.guoluonews.com    时间:2020年05月19日    
 

   1、城乡居民基本医疗保险门诊特殊病慢性病病种有哪些?

  答:全省城乡居民基本医疗保险门诊特殊病慢性病病种统一为25种,具体包括:糖尿病、高血压、恶性肿瘤放化疗、慢性肾功能衰竭的肾透析(终末期肾病透析)、器官移植术后抗排异治疗、血友病、慢性支气管炎及肺气肿、慢性肺原性心脏病、慢性风湿性心脏病、冠心病、慢性乙型肝炎、系统性红斑狼疮、类风湿性关节炎、慢性肾炎、中风后遗症、精神病、慢性胰腺炎、慢性宫颈炎、耐药性结核病、慢性胃炎、消化性溃疡、盆腔炎、慢性胆囊炎、痛风、癫痫。

  2、城乡居民基本医疗保险门诊特殊病慢性病手续如何办理?

  答:城乡居民医保门诊特殊病慢性病资格准入委托二级以上定点医疗机构鉴定。具体流程如下:

  参保患者持社会保障卡或身份证复印件、有住院史的参保患者还需提供住院病案首页(入院记录)、出院记录(出院小结)和疾病相关检查检验报告单,无住院史的参保患者需提供2-3年的疾病相关检查检验门诊报告单,到受委托的定点医疗机构进行鉴定。其中,异地安置参保人员所提供的资料应为居住地二级以上医保定点医疗机构出具的资料。受委托的定点医疗机构对符合门诊特殊病慢性病准入标准的,及时填写《青海省城乡居民基本医疗保险门诊特殊病慢性病鉴定表》,并加盖公章,连同鉴定所需的相关病历资料交付参保人员,由参保人员提交至参保地区县医保经办机构办理门诊特殊病慢性病医保待遇享受手续。

  3、城乡居民基本医疗保险门诊特殊病慢性病费用如何报销?

  答:已取得基本医疗保险门诊特殊病慢性病资格的参保人员,在定点医疗机构发生的门诊特殊病慢性病医疗费用,在医疗机构直接结算,参保人员只需负担个人自费和自付部分的费用。

  特殊病慢性病门诊报销起付标准200元/人/年,报销比例在扣除需自费的诊疗项目和药品费后,三级定点医疗机构为50%、二级及以下定点医疗机构为70%。报销封顶线:恶性肿瘤放化疗、慢性肾功能衰竭的肾透析(终末期肾病透析)、器官移植术后抗排异治疗、血友病为10000元/人/年,其他病种为2000元/人/年。合并多种特殊病慢性病的按最高定额的病种支付。

  4、职工门诊特殊病慢性病病种包括哪些?

  答:糖尿病、高血压Ⅲ期、恶性肿瘤门诊放化疗、慢性病肾功能衰竭的肾透析、器官移植术后出院后使用抗排斥免疫调节剂、慢性支气管炎及肺气肿、慢性肺源性心脏病、慢性风湿性心脏病、冠心病、慢性乙型肝炎、肝硬化、系统性红斑狼疮、风湿性关节炎、慢性肾炎、中风后遗症、重性精神病、再生障碍性贫血、帕金森病、丙型肝炎。

  5、职工门诊特殊病慢性病待遇是如何确定的?

  答:门诊特殊病慢性病待遇的统筹基金最高支付限额调整为每人每年不低于5000元,享受两种以上特殊病慢性病待遇的再增加2000元。恶性肿瘤门诊放化疗的统筹基金最高支付限额调整为每人每年不低于10万元;慢性肾功能衰竭肾透析的统筹基金最高支付限额调整为每人每年不低于10万元;器官移植术出院后使用抗排斥免疫调节剂治疗的统筹基金最高支付限额调整为每人每年不低于10万元。丙型肝炎的统筹基金最高支付限额调整为每人每年不低于2万元。

  ་༄༅། །སྒོ་བསྟེན་དམིགས་བསལ་ནད་དང་གཅོང་ནད་སྐོར་གྱི་སྲིད་ཇུས།

  ༡. མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་ལ་སྨན་བཅོས་དམིགས་བསལ་ཅན་གྱི་ནད་དང་གཅོང་ནད་རིགས་གང་དག་ཡོད།

  ལན། ཞིང་ཆེན་ཡོངས་ཀྱི་མཁར་གྲོང་སྡོད་དམངས་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་ལ་དམིགས་བསལ་ནད་རིགས་༢༥གཅིག་གྱུར་བྱས་ཡོད་པ་དང་། དེ་དག་ནི་གཅིན་སྙི་ཟ་ཁུའི་ནད་དང་། ཁྲག་ཤེད་མཐོ་བ། ངན་སྐྲན་གྱི་ནད་ལ་རྫས་འགྱུར་སྨན་བཅོས་བྱེད་པ། དལ་གཤིས་མཁལ་མའི་ནུས་པ་ཉམས་པའི་མཁལ་གཅོང་༼ དུས་མཐའི་མཁལ་གཅོང་ཟུངས་བཀྲུ། ༽དང་། དབང་པོ་སྤོ་འཛུགས་རྗེས་ཀྱི་འགོག་འབུད་སྨན་བཅོས། ཁྲག་ནད་ལྡན་པ། དལ་གཤིས་གློ་ཡུའི་གཉན་ཚད་དང་གློ་ནད་ཐེས་པོ། དལ་གཤིས་རླུང་རླན་རང་བཞིན་གྱི་སྙིང་ནད། སྙིང་རླུང་གི་ནད། མཆིན་ནད་ལྡེམ་བུ། རྒྱུད་ཁོངས་རླུང་རླན་རང་བཞིན་གྱི་མཁལ་ཚད། གྲིབ་ནད། སྨྱོ་ནད་དམ་དབང་རྩའི་ནད། ཕོ་བའི་གཤེར་རྨེན་གཉན་ཚད། དལ་གཤིས་མོ་ནད། མངལ་སྐེའི་གཉན་ཚད། སྨན་འདྲེད་རང་བཞིན་གྱི་གཅོང་ནད། ཕོ་བའི་མེ་དྲོད་ཉམས་པ། བད་ཀན་སྨུག་པོ། ཚང་ཁོག་གཉན་ཚད། གྲང་མཁྲིས་ཀྱི་ནད། གྲུམ་བུའི་ནད། བརྒྱལ་གཟེར་བཅས་ཡིན།

  ༢. མཁར་གྲོང་སྡོད་དམངས་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་དང་གཅོང་ནད་ཀྱི་འགྲོ་ལུགས་ཇི་ལྟར་གཉེར་དགོས།

  ལན། མཁར་གྲོང་སྡོད་དམངས་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་དང་གཅོང་ནད་ཀྱི་ཐོབ་ཐང་ཆོག་འཐུས་རིམ་པ་གཉིས་པའི་མངགས་བཅོལ་བྱས་པ། གནས་གཞི་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་གསལ་འབྱེད་ཞིབ་ཕྲའི་བརྒྱུད་རིམ་གཤམ་གསལ་ལྟར།

  འགན་བཅོལ་ནང་ཞུགས་མཁན་གྱི་ནད་པས་སྤྱི་ཚོགས་འགན་སྲུང་བྱང་བུ་འཁྱེར་བའམ་ཡང་ན་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་ཁྱེར་ཡོད་པར་སྨན་ཁང་དུ་སྡོད་པའི་ལོ་རྒྱུས་ཡོད་པས་་ནད་པ་གང་ལ། འགན་བཅོལ་ནང་ཞུགས་པའི་ནད་པས་སྨན་ཁང་དུ་བསྡད་པའི་ནད་གཞིའི་ཤོག་ངོས་དང་པོ་༼ སྨན་ཁང་བསྡུའི་ཟིན་ཐོ། ༽དང་། སྨན་ཁང་ནས་བུད་པའི་ཟིན་ཐོ།༼ ཕྱིར་འབུད་སྡོམ་རྩིས། ༽བཅས་ནད་རིགས་དང་འབྲེལ་བའི་ཞིབ་བཤེར་སྙན་ཞུའི་རེའུ་མིག་དགོས་པ་དང་། སྨན་ཁང་དུ་བསྡད་པའི་ལོ་རྒྱུས་མེད་མཁན་གྱི་ནད་པས་ལོ་༢་ནས་༣་བར་གྱི་འགན་བཅོལ་ནང་ཞུགས་པའི་འབྲེལ་ཡོད་ནད་རིགས་ཀྱི་སྒོ་བསྟེན་ཞིབ་བཤེར་སྙན་ཞུ་ཡོད་པར་གནས་གཞི་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིས་མངགས་བཅོལ་དང་ལེན་བྱས་པའིགསལ་འབྱེད་བྱེད་དགོས་ཤིང་། དེའི་ཁྲོད་ས་གནས་གཞན་པའི་ལས་བཀོལ་འགན་བཅོལ་ནང་ཞུགས་མཁན་གྱིས་རིམ་པ་གཉིས་པའི་ཡན་གྱི་སྨན་བཅོས་འགན་བཅོལ་ལ་ཡིག་སོགས་མཁོ་འདོན་བྱས་ཏེ་གནས་གཞི་གཏན་འཁེལ་བྱེད་དགོས།

  མངགས་བཅོལ་དང་ལེན་བྱས་པ་ལྟར་སྨན་བཅོས་ལས་ཁུངས་ཀྱིས་བཏོན་པའི་དཔྱད་ཡིག་གནས་གཞི་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་གཅོང་ནད་དང་འཚམ་པ་༼ མཚོ་སྔོན་ཞིང་ཆེན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་གཅོང་ནད་ཀྱི་གསལ་འབྱེད་རེའུ་མིག ༽དུས་ཐོག་ཏུ་སྐོང་དགོས་པ་མ་ཟད་གཞུང་ཐེལ་ཀྱང་གནོན་དགོས།གསལ་འབྱེད་ལ་མཁོ་བའི་འབྲེལ་ཡོད་ནད་ཐོའི་དཔྱད་ཡིག་དང་མཉམ་དུ་འགན་བཅོལ་ནང་ཞུགས་མཁན་ལ་རྩིས་སྤྲོད་བྱེད་དགོས་པ་དང་། འགན་བཅོལ་ནང་ཞུགས་མཁན་གྱིས་འགན་བཅོལ་ནང་ཞུགས་མཁན་ས་ཁུལ་དང་རྫོང་གི་སྨན་བཅོས་འགན་བཅོལ་སྒྲུབ་གཉེར་སྒྲིག་གཞིར་ཕུལ་ནས་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་དང་གཅོང་ནད་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་པའི་འགྲོ་ལུགས་གཉེར་དགོས།

  ༣. མཁར་གྲོང་སྡོད་དམངས་གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་གཞི་དང་གཅོང་ནད་ཀྱི་འགྲོ་གྲོན་ཇི་ལྟར་རྩིས་ཞུ་བྱེད་དགོས།

  ལན། གཞི་རྩའི་སྨན་བཅོས་འགན་བཅོལ་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་དང་གཅོང་ནད་ཀྱི་ཐོབ་ཐང་ཐོབ་པའི་འགན་བཅོལ་ནང་ཞུགས་མཁན་གྱིས་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་ཐོན་པའི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་ནད་དང་གཅོང་ནད་ཀྱི་སྨན་བཅོས་འགྲོ་གྲོན་དེ་སྨན་བཅོས་སྒྲིག་གཞིར་ཐད་ཀར་རྩིས་རྒྱག་རྒྱུ་དང་། འགན་བཅོལ་ནང་ཞུགས་མཁན་གྱིས་མི་སྒེར་གྱི་རང་གྲོན་རང་གཏོང་དང་རང་སྤྲོད་ཆ་ཤས་ཀྱི་འགྲོ་གྲོན་གྱི་འགན་འཁུར་དགོས།

  དམིགས་བསལ་ནད་དང་གཅོང་ནད་སྒོ་བསྟེན་སྨན་བཅོས་ཀྱི་འགྲོ་སོང་རྩིས་ཞུའི་ཚད་གཞི་མི་རེར་ལོ་རེར་སྒོར་༢༠༠ཡིན་པ་དང་། རྩིས་ཞུའི་བསྡུར་ཚད་ཀྱིས་རང་གིས་གྲོན་དངུལ་སྤྲོད་དགོས་པའི་ནད་བརྟག་སྨན་བཅོས་རྣམ་གྲངས་དང་སྨན་རིན་འཐེན་རྗེས་རིམ་གསུམ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་༥༠%དང་། རིམ་པ་གཉིས་པའི་མན་གྱི་གནས་གཞི་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་༧༠%ཡིན།རྩིས་ཞུ་རྩེ་བཀག་ཚད་ཐིག་ནི། ངན་སྐྲན་གྱི་ནད་ལ་རྫས་འགྱུར་སྨན་བཅོས་བྱེད་པ། དལ་གཤིས་མཁལ་མའི་ནུས་པ་ཉམས་པའི་མཁལ་གཅོང་༼ དུས་མཐའི་མཁལ་གཅོང་ཟུངས་བཀྲུ། ༽དང་། དབང་པོ་སྤོ་འཛུགས་རྗེས་ཀྱི་འགོག་འབུད་སྨན་བཅོས། ཁྲག་ནད་ལྡན་པ་བཅས་ལ་ལོ་རེར་སྒོར་༡༠༠༠༠ཡིན་པ་དང་། ནད་རིགས་གཞན་དག་ལ་ལོ་རེར་སྒོར་༢༠༠༠ཡིན། དམིགས་བསལ་ནད་རིགས་དང་གཅོང་ནད་སྣ་ཚོགས་མཉམ་སྒྲིལ་བྱས་ཏེ་བཅད་གྲངས་མཐོ་ཤོས་ཀྱི་ནད་རིགས་ལྟར་སྤྲོད་དགོས།

  ༤. ལས་བཟོ་བའི་སྒོ་བསྟེན་སྨན་བཅོས་ཀྱི་དམིགས་བསལ་གཅོང་ནད་རིགས་ལ་གང་དག་ཡོད།

  ལན། གཅིན་སྙི་ཟ་ཁུའི་ནད་དང་ཁྲག་ཤེད་མཐོ་བའི་དུས་བཅད་Ⅲཔ། ངན་སྐྲན་གྱི་ནད་ལ་རྫས་འགྱུར་སྨན་བཅོས་བྱེད་པ། དལ་གཤིས་མཁལ་མའི་ནུས་པ་ཉམས་པའི་མཁལ་གཅོང་ཟུངས་བཀྲུ་དང་། དབང་པོ་སྤོ་འཛུགས་གཤགས་བཅོས་བྱས་རྗེས་སྨན་ཁང་ནས་ཕྱིར་བུད་རྗེས་ཕྱིར་འབུད་འགོག་པའི་རིམས་ཐར་སྙོམས་སྒྲིག་བྱེད་པ། དལ་གཤིས་གློ་ཡུའི་ཡན་ལག་གཉན་ཚད་དང་གློ་རྒྱས་ཀྱི་ནད། དལ་གཤིས་གློ་བའི་རང་བཞིན་གྱི་སྙིང་ནད། དལ་གཤིས་རླུང་རླན་རང་བཞིན་གྱི་སྙིང་ནད། སྙིང་རླུང་གི་ནད། མཆིན་པ་སྲ་འགྱུར། རྒྱུད་ཁོངས་རང་བཞིན་གྱི་ཚ་འབྲུམ། རླུང་རླན་རང་བཞིན་གྱི་ཚིགས་ནད། དལ་གཤིས་མཁལ་ཚད། བརྒྱལ་གཟེར་གྱི་ནད། སྨྱོ་ནད། བླ་གཉན་ཟུངས་ཟད་ཀྱི་ནད། མཆིན་རིམས་ཀྱི་ནད་བཅས་ཡོད་དོ། །

  ༥. ལས་བཟོ་བའི་སྒོ་བསྟེན་སྨན་ཁང་གི་དམིགས་བསལ་འཆར་འགོད་ཇི་ལྟར་ཐག་གཅོད་བྱས་པ་ཡིན།

  ལན། སྒོ་བསྟེན་སྨན་ཁང་གི་དམིགས་བསལ་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་དེ་མི་རེར་ལོ་རེར་སྒོར་༥༠༠༠ལས་མི་དམའ་བ་དང་། དམིགས་བསལ་གཅོང་ནད་རིགས་གཉིས་ཡན་ལ་ཐོབ་ཐང་ལྟར་ལོངས་སྤྱོད་བྱེད་མཁན་ལ་སླར་ཡང་སྒོར་༢༠༠༠མང་དུ་གཏོང་རྒྱུ། ངན་སྐྲན་སྒོ་བསྟེན་སྨན་བཅོས་ཀྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་དེ་མི་རེར་ལོ་རེར་སྒོར་ཁྲི་༡༠ལས་མི་དམའ་བ་བྱ་རྒྱུ་དང་། དལ་གཤིས་མཁལ་མའི་ནུས་པ་ཉམས་པའི་མཁལ་གཅོང་ཟུངས་བཀྲུ་ལ་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་དེ་མི་རེར་ལོ་རེར་སྒོར་ཁྲི་༡༠ལས་མི་དམའ་བ་བྱ་རྒྱུ། དབང་པོ་སྤོ་འཛུགས་གཤགས་བཅོས་བྱས་རྗེས་སྨན་ཁང་ནས་ཕྱིར་བུད་རྗེས་ཕྱིར་འབུད་འགོག་པའི་རིམས་ཐར་སྙོམས་སྒྲིག་བྱེད་པའི་སྨན་བཅོས་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་དེ་མི་རེར་ལོ་རེར་སྒོར་ཁྲི་༡༠་ལས་མི་དམའ་བ་བྱ་རྒྱུ་ཡིན། མཆིན་ནད་ག་རིགས་ཀྱི་གཅིག་གྱུར་འཆར་འགོད་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་དེ་མི་རེར་ལོ་རེར་སྒོར་ཁྲི་༢་ལས་ཉུང་མི་རུང་བར་ལེགས་སྒྲིག་བྱས་ཡོད་དོ། །