首页   走进果洛   政府信息   公共服务   互动交流  

     首页 > 政府信息 > 政务要闻 > 果洛要闻

致奋战在疫情防控一线广大工作者的 慰问信
来源:    时间:2020年02月12日    
 

༄༅། །རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་གནས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་སྒྲུབ་མཁན་རྣམས་ལ་སྤྲིངས་པའི་འཚམས་འདྲིའི་ཡི་གེ

ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་གནས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ལས་སྒྲུབ་མཁན་རྣམ་པ།

  ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་བྱུང་བ་ནས་བཟུང་། ཁུལ་ཨུ་ཁུལ་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་བཅས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་སྒོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་ལས་དོན་གལ་ཆེན་ཞིག་དང་དགོས་གཏུགས་ཆེན་པོའི་ལས་འགན་ཞིག་ཏུ་བརྩིས་ནས་དམ་བཟུང་བྱས་པ་ཡིན། ཉེ་བའི་ཟླ་ཕྱེད་ཀྱི་རིང་ལ། ཁྱེད་ཚོས“དམག་འཐབ་བྱུང་ཚེ། བོས་ན་ངེས་པར་ལོག་དགོས”པའི་འཐབ་འཛིང་གི་སྙིང་སྟོབས་དར་སྤེལ་བཏང་ནས། ལས་གནས་བརྟན་སྲུང་དང་སྒེར་མེད་ལེགས་སྐྱེས་ཕུལ། ཉིན་མཚན་དབྱེ་མེད་དང་རྒྱུན་མཐུད་འབད་འཐབ་སྒོས་ཁུལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་གནས་དང་པོ་རུ། གོ་རིམ་ལྡན་པའི་ངང་རིམས་ནད་སྔོན་འགོག་ཚོད་འཛིན་སྐུལ་འདེད་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ལ་འགན་ལེན་ཡོད་ཆེད་བློས་གཏོང་ཆེན་པོ་གནང་། འདིར་མགོ་ལོག་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུས་ཁྱེད་རྣམས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་ཡིན་ལ། ཁྱེད་ཚོ་དང་དེ་བཞིན་དུ་ཁྱེད་ཚོའི་རྒྱབ་ཕྱོགས་ན་གྲགས་མེད་ངང་རྒྱབ་སྐྱོར་གནང་བཞིན་པའི་ཁྱིམ་མི་རྣམས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  ཐེངས་འདིའི་དམག་འཐབ་ཁྲོད། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེ་ཏང་ཡོན་ལས་བྱེད་རྣམས། བཀའ་བཞིན་འགུལ་སྐྱོད་དང་དཔའ་བསྐྱེད་མདུན་སྐྱོད། དཀའ་བསུས་མཐོ་སྙེག་སྒོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཡུལ་སར་ཞུགས། གཡུལ་ས་ལེགས་སྲུང་དང་གཙོ་ཤུགས་དམག་དཔུང་བྱས་ཏེ་བློ་དཀར་སེམས་དཀར་གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་འཇགས་སྲུང་སྐྱོང་བྱས། དོན་དངོས་འགུལ་སྐྱོད་ལ་བརྟེན་ནས་ཐོག་མའི་བསམ་འདུན་གྱི་འགན་འཁྲི་ལག་ལེན་དུ་བསྟར་ཏེ། ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་གི་ཆེད་དུ་འགོག་སྲུང་གི་འཐབ་ར་བརྟན་པོ་ཞིག་བསྐྲུན། གུང་ཁྲན་ཏང་མིའི་དུས་རབས་ཀྱི་ཉམས་འགྱུར་ཡོངས་སུ་བཏོན་ཞིང་མི་དམངས་ཀྱི་བླ་མེད་འགན་འཁྲིའི་ཐེག་སེམས་མངོན་པར་མཚོན། རིམས་ནད་སྔོན་འགོག་ཚོད་འཛིན་དམག་འཐབ་ཀྱི་ལས་གནས་དང་པོ་རུ་ཏང་གི་དར་ཆ་ལྷབ་ལྷུབ་ཏུ་གཡོ་པར་བྱས་པས། ཁུལ་ཨུ་ཁུལ་སྲིད་གཞུང་དང་ཁུལ་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུའུ་བཅས་ཀྱིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུས་པ་དང་། ཁུལ་ཡོངས་ཀྱི་མི་དམངས་རྣམས་ཀྱིས་ཁྱེད་ཚོར་བསྟོད་བསྔགས་གནང་བཞིན་ཡོད།

  མིག་སྔར་རིམས་ནད་བྱུང་ཚུལ་དེ་ཉེན་ཚབས་ཆེ་བའི་དུས་སྐབས་ཡིན་ལ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཁྲུག་དེ་འགག་སྒྲོལ་གྱི་དུས་མཚམས་སུ་སླེབས་ཡོད་པས། གནས་བབ་སྔར་བཞིན་ཛ་དྲག་དང་ལས་འགན་དེ་བས་དཀའ་ཚགས་ཆེ། དཀའ་ཚེགས་ཇི་ལྟར་ཆེ་དུས་ངེས་ཤུགས་དེ་ལྟར་རྒྱུན་འཁྱོངས་དང་། ཇི་ལྟར་གནད་འགག་གི་སྐབས་སུ་དེ་ལྟར་འགན་འཁྲི་དང་ལེན་ཐུབ་དགོས། སྔོན་མའི་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་འཕེལ་རྒྱས་སུ་བཏང་སྟེ། མཐའ་མའི་འགག་སྒོ་བརྟན་སྲུང་སྒོས། ཐེངས་འདིའི་འགག་སྒྲོལ་དམག་འཐབ་ལས་རྣམ་པར་རྒྱལ་དགོས་ན། ང་ཚོའི་རིམ་པ་ཁག་གི་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་རྣམས་ཀྱིས། མུ་མཐུད་དུ་རིག་པ་ཇེ་གསལ་དང་རྒྱལ་ཁའི་དད་སེམས་ཇེ་བརྟན། ཞུམ་མེད་བློ་སྟོབས་བཙོ་སྦྱོང་། དམག་འཐབ་འཇོན་ཐང་ཇེ་ཆེར་བཏང་ནས། ནམ་ཡང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་གནས་དང་པོ་བརྟན་སྲུང་དང་དམག་འཐབ་བྱས་ཏེ། རྒྱལ་ཁ་མ་བླངས་ན་གཏན་ནས་དམག་ཕྱིར་འཐེན་མི་བྱེད།

  བློ་མཐུན་རྣམ་པ། ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ནི་དམག་འཐབ་དྲག་པོ་ཞིག་ཡིན་ལ། ཕམ་མི་རུང་བའི་དམག་འཐབ་ཐེངས་གཅིག་ཀྱང་ཡིན། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་རྣམས་ཀྱིས་ཐོག་མའི་བསམ་འདུན་མ་བརྗེད་པར། མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་ལ། ནམ་ཡང་གདོང་མཆོང་སྔོན་དང་། འཐབ་འཛིང་སྔོན། སྐྱེས་འབུལ་སྔོན་ལ་བྱེད་དགོས། ང་ཚོའི་སྲ་བརྟན་གྱི་ཏང་གཤིས་དང་གཟེངས་སུ་ཐོན་པའི་འཐབ་འབྲས་ཀྱི་སྟེང་ནས། རྩ་འཛུགས་དང་མི་དམངས་ལ་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་སྤྲོད་རྒྱུ་ནི་རེ་བ་ཡིན། དུས་མཉམ་དུ་བློ་མཐུན་ཚོས་རང་ངོས་འགོག་སྲུང་ལ་ཤུགས་སྣོན་དང་ངལ་རྩོལ་ངལ་གསོ་ཟུང་འབྲེལ་བྱེད་པར་དོ་སྣང་། ལུས་ཁམས་བདེ་ཐང་ལ་གཅེས་སྤྲས་དང་ཁྱིམ་མི་གཉེན་ཉེར་ལྟ་རྟོག་བཅས་ཀྱི་སྒོ་ནས། ཁྱིམ་ཆུང་གི་ཁམས་བཟང་བདེ་ཐང་གིས་མགོ་ལོག་གི་ཁྱིམ་ཆེན་པོ་འདིའི་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་རེ་བ་བཏོན་པ་ཡིན།

  མགོ་ལོག་ཁུལ་ཏོག་དབྱིབས་ནད་དུག་གསར་པ་འགོ་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བཀོད་འདོམས་པུའུ།

  ༢༠༢༠ ལོའི་ཟླ ༢ ཚེས ༡༠ ཉིན།

致奋战在疫情防控一线广大工作者的慰问信

全州奋战在疫情防控一线的广大工作者:

  新型冠状病毒感染的肺炎疫情发生以来,州委州政府坚决贯彻落实习近平总书记的重要指示和中央、省委的决策部署,坚持把人民群众生命安全和身体健康放在第一位,把疫情防控作为当前最重要的工作、最紧迫的任务来抓。近半个月来,你们发扬“若有战、召必回”的战斗精神,坚守岗位、无私奉献,夜以继日、持续奋战在全州疫情防控第一线,为有力有序推进疫情防控、保障人民群众生命安全和身体健康作出了极大的牺牲。在此,果洛州疫情防控指挥部向你们致以崇高敬意!向你们以及在背后默默支持你们的家人致以衷心的感谢!

  在这场战斗中,全州各级党组织和广大党员干部闻令而动、挺身而出、迎难而上,义无反顾地投身到疫情防控战争的最前线,守好主阵地,当好主力军,以绝对忠诚守护着万家平安,以务实行动践行着初心使命,为全州人民的生命安全和身体健康筑起了一道道坚强防线,诠释了共产党人的时代风采,彰显了人民至上的责任担当,让党旗在疫情防控战争的第一线高高飘扬!州委、州政府、州疫情防控指挥部向你们致谢,全州人民为你们点赞!

  当前,疫情爆发正处于高风险期,疫情防控战争已进入攻坚阶段,形势依然严峻,任务尤为艰巨。越是艰难时刻,越要保持定力;越是关键时期,越要扛责在肩。要巩固发展前期的战斗成果,守住最后的防线,彻底打赢这场攻坚战,需要我们各级基层党组织和广大党员继续保持清醒头脑、坚定决胜信念,磨炼顽强意志、提升作战本领,始终坚守和战斗在疫情防控的第一线,不获全胜决不收兵。

  同志们,新型冠状病毒感染的肺炎防控是一场严峻的战争,更是一场输不起的战争。希望全州各级党组织和广大党员干部不忘初心、继续前行,始终冲锋在前、战斗在前、奉献在前,以我们的坚强党性和出色战绩,向组织和人民交上一份满意的答卷!同时,希望同志们加强自身防护、注意劳逸结合,保重身体健康、兼顾家庭亲人,以小家的安康守护好果洛这个大家的安宁!

  果洛州新型冠状病毒感染的肺炎疫情防控处置指挥部 

2020年2月10日